ཁག་བདུན་པ།
ཡེ་ཤུ་ནི་སུ་ཡིན།
ཡ་ཧོ་ཝཱས་ཡེ་ཤུ་ས་སྟེང་དུ་བཏང་། ཡོ་ཧ་ནན་དང་པོ།4:9
གལ་སྲིད་ང་ཚོའི་རེ་བར་ཡ་ཧོ་ཝཱ་དགའ་སྤྲོ་སྐྱེ་བསམ་ན་ཁོང་གིས་བརྩེ་བའི་བུའི་བཀའ་ལ་ཉན་དགོས། ཡ་ཧོ་ཝཱས་ཨ་དམ་མ་བཟོས་གོང་ནམ་མཁའི་སྟེང་ནུས་ཤུགས་ཆེ་བའི་གཟུགས་མེད་ལུས་གཅིག་བཟོས།
རྗེས་སུ་ཡ་ཧོ་ཝཱས་གཟུགས་མེད་ལུས་ཀྱི་བུ་འདི་བེད་ལེ་ཧེམ་དུ་མོ་གསར་ཞིག་ལ་སྐྱེ་རུ་བཅུག མོ་གསར་འདི་མིང་ལ་“མིར་ཡམ་”ཟེར། ཁོ་མོས་སྐྱེ་པའི་ཕྲུ་གུ་འདིའི་མིང་ལ་“ཡེ་ཤུ་”ཟེར།—ཡོ་ཧ་ནན།6:38
ཡེ་ཤུས་ས་སྟེང་དུ་དཀོན་མཆོག་གི་སྤྱོད་བཟང་ཚང་མ་མངོན། ཁོང་བྱམས་བརྩེ་ལྡན་ལ་གཤིབ་བདེ་བ། ད་དུང་བློ་སྟོབས་ཆེ་པོའི་ངང་ནས་མི་ལ་ཡ་ཧོ་ཝཱའི་སྐོར་གྱི་བདེན་དོན་བསླབས་གནང་།
ཡེ་ཤུས་ལས་བཟང་ཁོ་ན་བྱས་ཀྱང་མི་ཁ་ཤས་ཀྱིས་ཁོང་ལ་འཁོན་འགྲས་བྱས། པེ་ཏྲོ་དང་པོ།2:21-24
ཡེ་ཤུས་ནད་པ་སྨན་བཅོས་བྱས་ལ་ཤི་བའི་མི་སླར་གསོན་བྱས།
ཆོས་ལུགས་གཙོ་འཛིན་གྱིས་ཡེ་ཤུར་འཁོན་འཛིན་བྱས། རྒྱུ་མཚན་ནི་ཡེ་ཤུས་ཁོ་ཚོའི་སྤྱོད་ངན་དང་ནོར་འཁྲུལ་གྱི་གནས་ལུགས་ཐེར་འདོན་གནང་བས་རྐྱེན་གྱིས་ཡིན།
ཆོས་ལུགས་གཙོ་འཛིན་གྱིས་རོ་མའི་མི་ལ་ཡེ་ཤུར་ལྕག་ཚན་གཞུས་རུ་བཅུག་ལ་དེ་ནས་ཁོང་བསད།