འགོ་བརྗོད།
དཀོན་མཆོག་ནི་བྱམས་བརྩེ་ལྡན་པའི་ཡབ་ཞིག་ཡིན། པེ་ཏྲོ་དང་པོ།5:6,7
དཀོན་མཆོག་གིས་ང་ཚོ་བཟོས། ཁོང་གིས་ང་ཚོར་ཐུགས་ཁུར་ཡང་གནང་། མཐོང་རྒྱ་ཆེ་ལ་བྱམས་བརྩེ་ལྡན་པའི་པ་ལགས་ཀྱི་ཕྲུ་གུར་སློབ་སྟོན་བྱེད་པ་ལྟར་དཀོན་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སའི་མི་ལ་འཚོ་བ་སྐྱིད་པོ་སྐྱེལ་སྟངས་སློབ་གནང་།
དཀོན་མཆོག་གིས་ང་ཚོར་རྩ་ཆེའི་བདེན་དོན་གསལ་སྟོན་གནང་ནས་ང་ཚོ་དགའ་སྤྲོ་དང་རེ་བས་ཁེངས།
གལ་སྲིད་ཁྱེད་རང་དཀོན་མཆོག་བཀའ་ལ་ཉན་ན་ཁོང་གིས་ཁྱེད་རང་ལ་ལམ་སྟོན་དང་སྲུང་སྐྱོབ་བྱེད།
དཀའ་ངལ་སེལ་བའི་རོགས་རམ་གནང་བ་མ་ཟད་ཁྱེད་རང་ནམ་ཡང་གསོན་ཐུབ།